ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

བསྟན་པ། །གནོད་བྱེད་ཀུན་ནས་མནར་བས་ཁྲོ། །རེ་བས་མ་བྱིན་ཡི་ཆད་ཁྲོ། །གཞན་ལ་ཟུར་ཟ་ཁྲོ་ཚུལ་དང་། །ཟུག་གཟེར་རྡོལ་ཐབས་ཆེ་ཆུང་ཁྲོ། །འགྲོ་བ་འདུལ་ཕྱིར་ཡིད་ཁྲོའོ། །སྔོག་སེང་ང་དྲུག་རྐོ་ཕུང་ནི། །འཁོན་འཛིན་འདུ་བྱེད་ལྔ་བསྟན་པ། །ཁོང་ཁྲོས་འདུད་པར་འཛིན་མཁོན་དང་། །བརྣག་པས་ཤི་འཁོན་རུས་ལ་འཕུར། །སེམས་དཀར་ཁོང་ཆུང་འཁོན་བཤགས་བྱང་། །འཁོན་མེད་གཅུག་བྲལ་ཡིད་མཁོན་དང་། །འཐབ་ཀྱི་འོར་བས་༼འདབས་བྱས་༽༼བོར་༽བྱས་འཁོན་ལྔ། །ལྒཡག་ཅུ་ང་དྲུག་རྐོ་པུང་ནི། །འཆབ་པའི་འདུ་བྱེད་ལྔ་བསྟན་པ། །ཁ་ནས་མ་ཐོ་སྐྱོན་འཁྱུད་འཆབ། །ཨུ་ཡ་ཉེར་གཏད་འཆབ་པ་དང་། །གྲོགས་ཀྱི་མཚང་འགེབ་འཆབ་པ་དང་། །སྲོག་ལུས་སྐྱོབ་ཕྱིར་འཆབ་པ་དང་། །སྣང་སྲིད་རིན་ཆེན་གཏེར་འཆབ་ལྔ། །རྐུ་ར་རྐོ་ཕུང་ང་དྲུག་ནི། །ཀུན་བརྟགས་འདུ་བྱེད་ལྔ་བསྟན་པ་། །མ་ཡིན་ཀུན་བརྟག་འདུ་བྱེད་དང་། །བག་ཆགས་ཀུན་བརྟགས་འདུ་བྱེད་དང་། །སྒྱུ་མ་ལྟ་བུའི་ཀུན་བརྟགས་དང་། །དངོས་པོ་ཀུན་བརྟགས་འདུ་བྱེད་དང་། །ལོག་པའི་ཀུན་བརྟགས་འདུ་བྱེད་ལྔ། །དུ་ར་ང་དྲུག་རྐོ་ཕུང་ནི། །སེར་སྣའི་འདུ་བྱེད་ལྔ་བསྟན་པ། །གཏོང་༼གདུང་༽བ་ཀུན་སྤངས་རྟག་འཛིན་དང་། །ཕངས༼ཡངས་༽་པའི་འདུ་ཤེས་ཀུན་སྡོམས་དང་། །བཅིངས་པས་ལྔ་འདུད་སེར་སྣ་དང་། །ལས་ཀྱི་ཕལ་༼ཀྱིས་འཕོངས་༽པའི་གཏེར་སོགས་དང་། །གཞན་གྱི་ཚོགས་གཅོད་སེར་སྣ་ལྔ། །འགྱུ་རི་རྐོ་ཕུུང་ང་དྲུག་ནི། །སྒྱུ་ཡི་འདུ་བྱེད་ལྔ་བསྟན་པ། །སྒྱུ་མས་ཡིད་བསླུ་དོན་མེད་དང་། །སྒྱུ་འཕྲུལ་གཞན་གྱི་གླག་མེད་དང་། །མི་ཉམས་རྗེ་བའི་བསླུ་བྲིད་དང་། །ཀུན་ནས་སྒྱུ་གསོག་འཇོག་པ་དང་། །གཞན་གྱི་བཀྲག་ཕྱིར་རྒྱུ་འཆབ་ལྔ། །གྱི་མིན་ང་དྲུག་རྐོ་པུང་༼ཕུང་༽ནི། །གཡོ་བའི་འདུ་བྱེད་ལྔ་བསྟན་པ། །ཉེས་མེད་སེམས་ཀྱི་གྱ་གྱུ་དང་། །ངན་སྦྱིན་ཐོག་ཆེན་༼ཐེག་ཆེའི་༽གཡོ་མ་དང་། །སྲོག་ལ་དབང་མེད་བརྒྱལ་གཡོ་དང་། །འཁྲོ་༼འབྲོས་༽ཁུང་ཚོལ་བྱེད་ཐབས་ཀྱི་གཡོ། །འགྱུ་ཚིག་ལྕེ་གཉིས་གཡོ་དང་ལྔ། །རླབ་ཅེ་ང་དྲུག་རྐོ་པུང་ནི། །རྒྱག་པའི་འདུ་བྱེད་ལྔ་བསྟན་པ། །ཕུན་སུམ་ཚོགས་པའི་སྤྲོ་རྒྱགས་དང་། །ཆགས་པས་དང་བསྐྱེད་དགའ་རྒྱག་དང་། །གསོས་པས་༼མཚན་སྐྱོ་༽མཚལ་༼འཚོ་༽སྐྱོལ་ལུས་རྒྱག་དང་། །གཅམ་བུའི་རང་ལུགས་ངན་རྒྱག་དང་། །དབང་མེད་ལས་ཀྱི་སྙོ་རྒྱག་ལྔ། །རྒྱ་མིན་ང་དྲུག་རྐོ་ཕུང་ནི། །འཚེ་བའི་འདུ་བྱེད་ལྔ་བསྟན་པ། །ཤང་སེ་ལུས་ལ་ཐོ་མཚམས་དང་། །རླུང་༼སླུང་༽སེ་ལུས་ལ་རོལ་རྩེད་དང་། །པྲ་མོ་ཧ་ཏི་༼ཡི་༽འབྱིན་སྒྲོགས་དང་། །སྒྲ་མེད་ལོག་པས་འཇིགས་བསྐུར་དང་། །རྔམ་སེམས་ནོར་ལ་འཚེ་དང་ལྔ། །དམ་བྱིལ་ང་དྲུག་རྐོ་ཕུང་ནི། །ངོ་ཚ་མེད་པའི་འདུ་བྱེད་ནི། །ཁ་ནས་མ་ཐོ་དག་གི་འཛེམ། །དབང་མེད་ལས་ཀྱི་སྦར་མི་གཏུབ། །སླི་བློ་༼གླི་ཀློ་༽ལང་ཤོར་དྲེད་པ་དང་། །བགེགས་ཀྱི་དབང་བྱས་ངོ་ཚ་མེད། །ཁྲེལ་མེད་གཞན་ལ་མི་འཛེམ་ལྔ། །འགུ་ཧྲེང་༼དྷྲིང་༽ང་དྲུག་རྐོ་ཕུང་ནི། །ནོན་རྨིས་འདུ་བྱེད་ལྔ་བསྟན་པ། །ལས་སུ་མ་རུང་སེམས་རློང་༼སློང་༽དང་། །ཉི་རི་ཁྲག་ལྷུང་ནོན་རྨིས་དང་། །གདོན་གྱི་བྱིན་གྱིས་ནོན་རྨིས་དང་། །ཁ་ཟས་ཚོགས་ཀྱིས་ནོན་རྨིས་དང་། །འདུ་བ་ནད་ཀྱིས་ནོན་རྨིས་ལྔ། །ག་ག་ང་དྲུག་རྐོ་པུང་ནི། །རྒོད་པའི་འདུ་བྱེད་ལྔ་བསྟན་པ། །རྣམ་པར་མ་ཞི་སེམས་འཕྱར་དང་། །གླིང་གཞི་གཉེར་མེད་འགྲན་རྒོད་༼ཚོལ་༽དང་། །སྒྲིན་བྱེད་གཅམ་ཚིག་གཞའ་རྒད་༼བགད་༽དང་། །གཞན་ལ་ཁྲེལ་འདོད་ཁྲེལ་རྒོད་༼བགད་༽དང་། །ཁྲེལ་བྱེད་མཁྱུན་དུ་རྒོད་དང་ལྔའོ། །མི་སྔོན་ང་དྲུག་རྐོ་ཕུང་ནི། །མ་དད་འདུ་བྱེད་ལྔ་བསྟན་པ། །བདེན་ལ་ཡིད་ཆེས་མ་ཡིན་དང་། །སྐྱོ་བའི་ཚུལ་གྱི་དད་ལོག་དང་། །ལོག་པའི་སེམས་ཀྱི་དོན་སྤོངས་དང་། །ཕྱོགས་བཅུ་འཛིན་ལྟར་ཡིད་མ་དད། །བློ་དམན་ཚུལ་གྱི་དད་ཆུང་ལྔའོ། །ལྷེ་ལུས་༼ལུང་༽ང་དྲུག་རྐོ་ཕུང་ནི། །ལེ་ལོའི་འདུ་བྱེད་ལྔ་བསྟན་པ། །དགེ་ལ་མངོན་སེམས་སྤྲོ་མེད་དང་། །ཧྲེ་༼ཧེ་༽ཏར་བཏང་སྙོམས་དལ་བ་དང་། །གུ་ར་གཞན་དབང་མཛོང་སྙོལ་དང་། །ངལ་དུབ་ཆད་པའི་སྐྱོན་སོམས་དང་། །ཀུན་འབྱུང་གཡེང་པའི་ལེ་ལོ་ལྔའོ། །ཧྲོ་༼དྷྲོ་༽ཏོར་ང་དྲུག་རྐོ་ཕུང་ནི། །བག་མེད་འདུ་བྱེད་ལྔ་བསྟན་པ། །དྲན་རྨོངས་དགྲ་ཚོགས་མི་སྲུང་དང་། །དགེ་བ་མི་སྒོམ་འཐིབས་གནོན་དང་། །ཟོན་མེད་གདོས་པར་འགྲོ་ཉལ་དང་། །ཚད་བརྒལ་ཟ་སོགས་ར་ཆོད་དང་། །ཏོམ་ཆོལ་ལྟ་བུའི་བག་མེད་ལྔའོ། །བརྗེད་ངས་འདུ་བྱེད་ལྔ་བསྟན་པ། མ་འབྱངས་ཤེས་འཁྲུལ་བརྗེད་ངས་དང་། མ་ཡིན་ནད་ཏན་ཆུང་བརྗེད་དང་། མ་ཞེན་ལེ་ལོ་ཕྱིར་ཡལ་དང་། མ་ངེས་ལོག་འཁྲུལ་ཕྱིར་སྤོང་དང་། མི་བརྗེད་གཟུགས་མེད་མ་སྒོམ་ལྔ། ཕྲོ་ཏུར་ང་དྲུག་རྐོ་ཕུང་ནི། །གཡེང་བའི་འདུ་བྱེད་ལྔ་བསྟན་པ། །ཡོན་ཏན་ལྔ་ལ་སེམས་འཕྲོ་དང་། །གཞན་གྱི་ཚོགས་ལ་བློ་གཡེང་དང་། །བག་ཆགས་རྒྱུན་ལ་འཕྱོས་པ་དང་། །འཁོར་བའི་འདུ་འཛི་ཡིད་གཡེང་དང་། །ཀུན་ནས་རྣམ་པར་གཡེང་དང་ལྔའོ། །མུང་ནོམ་ང་དྲུག་རྐོ་ཕུང་ནི། འཁྲུལ་པའི་འདུ་བྱེད་ལྔ་བསྟན་པ། །ཤེས་བཞིན་མ་ཡིན་མ་ཤེས་འཇུག །ཡིད་མི་བདེ་བས་བློ་འཁྲུལ་དང་། །མངོན་དུ་མ་གྱུར་བརྗེད་ངེས་དང་། །གཞན་ཚིག་སྤྱད་པས་འཁྲུལ་པ་དང་། །བག་ཆགས་མ་རྙིང་འཁྲུལ་དང་ལྔའོ། །ཏ་ཀྱོན་ང་དྲུག་ཀོ་ཕུང་ནི། །འགྱོད་པའི་འདུ་བྱེད་ལྔ་བསྟན་པ། །མྱ་ངན་ཡིད་ལ་བྱས་འགྱོད་དང་། །མ་བརྟགས་ཁེ་ལ་རྔམ་འགྱོད་དང་། །སྔར་གནོང་བར་དུ་འགྱོད་སེམས་དང་། །གཞན་ལ་འགྱོད་འདེབས་སྒྲོ་ཚིགས་དང་། །རང་བཞིན་འགྱོད་པའི་ཚུལ་ཆེན་ལྔ། །གདུབ་མིན་ང་དྲུག་རྐོ་ཕུང་ནི། །གཉིད་ཀྱི་འདུ་བྱེད་ལྔ་བསྟན་པ། །མི་ཤེས་རྨོངས་པ་གཏི་མུག་གཉིད། །ངལ་དུབ་ཆད་པ་ལས་ཀྱི་གཉིད། །འཇུག་པས་དབང་མེད་སེམས་སྡུད་གཉིད། །སྡུག་བསྔལ་སེམས་ཞུམ་བྱིང་པའི་གཉིད། །ལོངས་སྤྱོད་བདེ་ལྡན་དགའ་གཉིད་ལྔའོ། །ཏ་ལང་ང་དྲུག་རྐོ་ཕུང་ནི། །རྟོག་པའི་འདུ་བྱེད་ལྔ་བསྟན་པ། །ཀུན་དུ་ཚོལ་བའི་ཡིད་རྟོག་དང་། །བྱེ་བྲག་རྩིས་པའི་ངག་རྟོག་དང་། །ཀུན་བརྟགས་འཁྲུལ་པའི་ལུས་རྟོག་དང་། །ལྟ་བ་ཆུང་སེམས་རྣམ་རྟོག་དང་། །རྣམ་སྨིན་ལོག་པར་རྟོག་པ་ལྔ། །ནམ་རན་ང་དྲུག་རྐོ་ཕུང་ནི། །དཔྱོད་པའི་འདུ་བྱེད་ལྔ་བསྟན་པ། །བརྟག་ཆར་༼བག་ཆགས་༽སོ་སོར་རྟོག་དཔྱོད་དང་། །དེ་བཞིན་སེམས་ཞིབ་སྤྱོད་༼གཞིག་ཡིད་༽དཔྱོད་དང་། །མ་མཐོང་མཐོང་ཕྱིར་དཔྱོད་སྐྱེ་དང་། །ཡུལ་ལ་ཀུན་འཇུག་དཔྱོད་འདོག་དང་། །ཚིག་སྒྲ་དེ་དཔྱོད་དང་ལྔའོ། །ཁྲི་གཙུག་མ་མིན་དུ་ཞུར་ནི། །སེམས་དང་མི་ལྡན་འདུ་བྱེད་སྟོན། །རྐོ་བྲན་ཁྲི་ཙེ་ཏ་ཏམ་ཅུ། །གཟུགས་དང་སེམས་ཀྱི་སྐབས་ལ་འདོགས། །རྫས་སུ་ཡོད་པ་མ་ཡིན་ཏེ། །དེ་ཉིད་གཞན་དུ་མིང་གདགས་༼བཏགས་༽སོ། །ཐོབ་པ་དང་ནི་དྲོད་རྙེད་དང་། །ས་བོན་དབང་དང་མངོན་གྱུར་པའོ། །འདུ་ཤེས་མེད་སྙོམས་འདོད་ཆགས་བྲལ། །གོང་མ་མ་ཡིན་འདུ་ཤེས་སྔོན། །ཡིད་ལས་བྱེད་དང་སེམས་ལས་བྱུང་། །བརྟན་པ་ཡིད་ཀུན་བྲལ་བའོ། །འགོག་པའི་སྙོམས་འཇུག་འདོད་ཆགས་བྲལ། །སྲིད་པའི་རྩེར་བསྐྱོད་སྔོན་ལ་བཏང། །ཡིད་ལ་བྱེད་དང་སེམས་ལས་བྱུང་། །མི་བརྟན་རྟེན་པ་ཅིག་བྲལ་ལོ། །འདུ་ཤེས་མེད་སྙོམས་འབྲས་བུ་དང་། །འདུ་ཤེས་མེད་སེམས་ཁྲོ་ལྷའི་ནང་། །སེམས་དང་བོན་དང་རྟེན་མེད་བྲལ། །འཇུག་པའི་རྣམ་ཤེས་དྲུག་འགག་གོ །སྲོག་དང་དབང་པོའི་རིགས་མཐུན་འཕང་། །གང་ཞིག་འདུ་བྱེད་གནས་སུ་ངེས། །གང་ཞིག་སེམས་ཅན་ལུས་འདྲའོ། །སྐྱེ་བ་

(སྤྱིའི་གཟིགས་གྲངས། 799 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།