ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

ང་དྲུག་ནི། །ཆེན་པོ་སྟོང་པ་དྲུག་བསྟན་པ། །ཆེན་པོ་སྟོང་པའི་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་དང་། །དཔག་མེད་སྟོང་རྟོགས་མཚན་ཉིད་འཛིན། །དེ་བཞིན་ཆེན་པོ་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ནམ་མཁའ་སྟོང་རྟོགས་མཚན་ཉིད་འཛིན། །ཡོངས་སུ་ཆེན་པོ་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཁྱབ་བདལ་སྟོང་པའི་མཚན་ཉིད་འཛིན། །རབ་ཏུ་ཆེན་པོ་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཐུགས་རྗེ་ཆེ་སྟོང་མཚན་ཉིད་འཛིན། །ངོ་བོ་ཉིད་སྟོང་ཆེན་པོ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །རྒྱ་མ་ཆད་སྟོང་མཚན་ཉིད་འཛིན། །རྒྱ་ཆེ་ངང་གི་ཀུན་སྟོང་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །སྟོང་ཆེན་མི་དམིགས་མཚན་ཉིད་འཛིན། །ཏི་ག་དེ་ཞི་ང་དྲུག་ནི། །དོན་དམ་སྟོང་པ་དྲུག་བསྟན་པ། །དོན་དམ་སྟོང་པའི་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཀུན་རྫོབ་བདེན་སྟོང་མཚན་ཉིད་འཛིན། །དེ་བཞིན་དོན་དམ་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ལོག་པར་མི་འགྱུར་མཚན་ཉིད་འཛིན། །དོན་དམ་ཡོངས་སུ་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཐམས་ཅད་མཉམ་སྟོང་མཚན་ཉིད་འཛིན། །དོན་དམ་རབ་ཏུ་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །དེ་ཉིད་སྟོང་རྟོགས་མཚན་ཉིད་འཛིན། །དོན་དམ་སྟོང་པ་ཆེན་པོ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །མཉམ་ཉིད་བདེ་སྟོང་མཚན་ཉིད་འཛིན། །དོན་དམ་རྒྱ་ཆེ་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །དོན་ལ་དམིགས་མེད་མཚན་ཉིད་འཛིན། །རུ་དྲོད་ཏེ་ཞི་ང་དྲུག་ནི། །རང་བཞིན་སྟོང་པའི་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཀུན་ནས་སྟོང་པའི་མཚན་ཉིད་འཛིན། །དེ་ཉིད་རང་བཞིན་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །རང་བཞིན་རྒྱུ་སྟོང་མཚན་ཉིད་འཛིན། །རང་བཞིན་ཡོངས་སུ་སྟོང་པ་ཡིིས། །བླ་མེད་འབྲས་བུ་ཐོབ་པ་ནི། །མི་གནས་སྟོང་པའི་མཚན་ཉིད་འཛིན། །རང་བཞིན་རབ་ཏུ་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཅི་བཞིན་མེད་སྟོང་མཚན་ཉིད་འཛིན། །རང་བཞིན་སྟོང་པ་ཆེན་པོ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །སྤང་མེད་ཀུན་སྟོང་མཚན་ཉིད་འཛིན། །རྒྱ་ཆེ་རང་བཞིན་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །སྟོང་ཞིང་མི་དམིགས་མཚན་ཉིད་འཛིན། །རུ་དྲོད་མ་མིན་ང་དྲུག་ནི། །རང་བཞིན་མེད་སྟོང་དྲུག་བསྟན་པ། །རང་བཞིན་མེད་སྟོང་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །རྟོག་མེད་སྟོང་པའི་མཚན་ཉིད་འཛིན། །དེ་བཞིན་རང་བཞིན་མེད་སྟོང་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །འགག་མེད་སྟོང་པའི་མཚན་ཉིད་འཛིན། །རང་བཞིན་ཡོངས་སུ་མེད་སྟོང་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །སྐྱེ་མེད་སྟོང་པའི་མཚན་ཉིད་འཛིན། །རང་བཞིན་མེད་རབ་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཅིར་ཡང་མ་གྲུབ་མཚན་ཉིད་འཛིན། །རང་བཞིན་མེད་སྟོང་ཆེན་པོ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །སྟོང་ལ་མ་སྤངས་མཚན་ཉིད་འཛིན། །རྒྱ་ཆེ་རང་བཞིན་མེད་སྟོང་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཀུན་སྟོང་མི་དམིགས་མཚན་ཉིད་འཛིན། །ཁོ་མི་ངོ་ཅི་ང་དྲུག་ནི། །རང་གི་མཚན་ཉིད་དྲུག་བསྟན་པ། །རང་གི་མཚན་ཉིད་སྟོང་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །མི་གཡོ་སྟོང་པའི་མཚན་ཉིད་འཛིན། །དེ་བཞིན་མཚན་ཉིད་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །སོ་སོར་ཀུན་རྟོག་མཚན་ཉིད་འཛིན། །མཚན་ཉིད་ཡོངས་སུ་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །མི་རྟག་སྟོང་པའི་མཚན་ཉིད་འཛིན། །རང་གི་མཚན་ཉིད་རབ་སྟོང་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །འདུ་བྱེད་ཀུན་སྟོང་མཚན་ཉིད་འཛིན། །རང་གི་མཚན་ཉིད་ཆེར་སྟོང་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །མཐའ་ཡས་སྟོང་པའི་མཚན་ཉིད་འཛིན། །རྒྱ་ཆེར་མཚན་ཉིད་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །འདུ་ཤེས་མི་དམིགས་མཚན་ཉིད་འཛིན། །ལོ་སྔ་ལ་ཤུམ་ང་དྲུག་ནི། །ཐོག་མཐའ་མེད་སྟོང་དྲུག་བསྟན་པ། །ཐོག་མཐའ་མེད་སྟོང་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །དུས་མཐའ་སྟོང་རྟོགས་མཚན་ཉིད་འཛིན། །ཐོག་མཐའ་མེད་པར་སྟོང་རྟོགས་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །ལས་མཐའ་སྟོང་རྟོགས་མཚན་ཉིད་འཛིན། །ཐོག་མཐའ་ཡོངས་སུ་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །འདི་ཞེས་མེད་སྟོང་མཚན་ཉིད་འཛིན། །ཐོག་མཐའ་རབ་ཏུ་སྟོང་པ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །དུས་གསུམ་ཀུན་སྟོང་མཚན་ཉིད་འཛིན། །ཐོག་མཐའི་དུས་ཆེན་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །རྩེ་གཅིག་དུས་སྟོན་མཚན་ཉིད་འཛིན། །ཐོག་མཐའ་རྒྱ་ཆེན་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །སྟོང་བྲལ་དམིགས་མེད་མཚན་ཉིད་འཛིན། །པ་༼བི་༽ཡིག་ཏ་རོད་ང་དྲུག་ནི། །དོར་མེད་སྟོང་པ་དྲུག་བསྟན་པ། །དོར་བ་མེད་སྟོང་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །ལྷག་མཐོང་མེད་སྟོང་མཚན་ཉིད་འཛིན། །དེ་བཞིན་དོར་མེད་སྟོང་པ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །སྟོང་ལ་གསལ་རྫོགས་མཚན་ཉིད་འཛིན། །ཡོངས་སུ་དོར་བ་མེད་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །མ་སྤངས་ཀུན་སྟོང་མཚན་ཉིད་འཛིན། །དོར་མེད་རབ་ཏུ་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །འདུ་འབྲལ་མེད་སྟོང་མཚན་ཉིད་འཛིན། །དོར་མེད་ཆེན་པོར་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །སྟོང་ལ་ཀུན་གནས་མཚན་ཉིད་འཛིན། །དོར་བ་རྒྱ་ཆེན་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །གཏོང་བྲལ་མི་དམིགས་མཚན་ཉིད་འཛིན། །དམུ་ཧེར་དུ་ང་ང་དྲུག་ནི། །དངོས་མེད་སྟོང་པ་དྲུག་བསྟན་པ། །དངོས་མེད་སྟོང་པའི་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཅིར་ཡང་མི་སྣང་མཚན་ཉིད་འཛིན། །དེ་བཞིན་དངོས་མེད་སྟོང་པ་ཡིིས །བླ་མེད་འབྲས་བུ་ཐོབ་པ་ནི། །དངོས་པོར་མི་འགྱུར་མཚན་ཉིད་འཛིན། །ཡོངས་སུ་དངོས་མེད་སྟོང་ལ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཅིར་ཡང་མི་འགྱུར་མཚན་ཉིད་འཛིན། །རབ་ཏུ་དངོས་མེད་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཅིར་ཡང་མི་རྩོལ་མཚན་ཉིད་འཛིན། །དངོས་མེད་ཆེན་པོར་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཀུན་སྟོང་དོན་ཁྱབ་མཚན་ཉིད་འཛིན། །དངོས་མེད་རྒྱ་ཆེན་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །དངོས་པོར་མི་དམིགས་མཚན་ཉིད་འཛིན། །དམུ་ཏོར་མ་ངོ་ང་དྲུག་ནི། །དངོས་མེད་ངོ་བོ་དྲུག་བསྟན་པ། །དངོས་པོ་མེད་པའི་ངོ་བོ་ཉིད། །སྟོང་པ་ཆེན་པོའི་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །སྟོང་ལ་མཐར་མི་ཆད་པ་ཡིས། །མཚན་ཉིད་དེ་བཞིན་འཛིན་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད། །དེ་བཞིན་སྟོང་པའི་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི །སྟོང་པ་མ་སྒྲིབ་མཚན་ཉིད་འཛིན། །དངོས་པོ་མེད་པའི་ངོ་བོ་ཉིད། །ཡོངས་སུ་སྟོང་པའི་མཆོག་ལྡན་པ། །བླ་མེད་འབྲས་བུ་ཐོབ་པ་ནི། །སྟོང་ལ་ཀུན་གསལ་མཚན་ཉིད་

(སྤྱིའི་གཟིགས་གྲངས། 799 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།