ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

མཚན་ཉིད་ནི། །འདི་ཞེས་མི་འདོག་མཚན་ཉིད་འཛིན། །ཐ་ཅི་ད་རྐྱུ་ནི་༼ད་རྒྱུ་བིང་༽ང་ནི། །རྟོགས་པ་ཆེན་པོའི་ལྟ་བ་ནི། །བཞི་ཡི་མཚན་ཉིད་དེ་བཞིན་སྟོན། །རྣམ་རྟོག་ལས་འདས་མཁྱེན་པ་ཡི། །རྟོགས་པའི་ལྟ་བའི་མཚན་ཉིད་ནི། །རྟོགས་ལ་མི་རྟོག་མཚན་ཉིད་འཛིན། །གསལ་ལ་འཛིན་ཆགས་མེད་མཁྱེན་པའིི། །རྟོགས་པའི་ལྟ་བའི་མཚན་ཉིད་ནི། །མཁྱེན་ལ་མི་སྤྱོད་མཚན་ཉིད་འཛིན། །སྣང་སྲིད་མ་སྤང་རྒྱ་མཁྱེན་པའི། །རྟོགས་པའི་ལྟ་བའི་མཚན་ཉིད་ནི། །འདོད་སྤྱོད་ཀུན་རྟོགས་མཚན་ཉིད་འཛིན། །དབྱིངས་དང་ཡེ་ཤེས་མ་འགག་མཁྱེན། །རྟོགས་པའི་ལྟ་བའི་མཚན་ཉིད་ནི། །མི་གཡོ་ཡེ་རྟོགས་མཚན་ཉིད་འཛིན། །མུ་སུར་༼པུར་༽མ་མིག་སུམ་པའི་གྱིན། །བསྲུང་དུ་མེད་པའི་དམ་པའི་ཚིག་ནི། །གསུམ་གྱི་མཚན་ཉིད་བསྟན་པར་བྱའོ། །བླང་དོར་མེད་པར་མཁྱེན་པ་ཡི། །ཡེ་བསྲུང་དམ་ཚིག་མཚན་ཉིད་ནི། །བྱ་བརྩལ་ཡོངས་བྲལ་མཚན་ཉིད་འཛིན། །བདག་དང་གཞན་དུ་མི་འཛིན་པའི། །ཡེ་བསྲུང་དམ་ཚིག་མཚན་ཉིད་ནི། །ཀུན་བཟང་ངང་གི་མཚན་ཉིད་འཛིན། །མི་གཡོ་ངང་ལ་གནས་མཁྱེན་པའི། །ཡེ་བསྲུང་དམ་ཚིག་མཚན་ཉིད་ནི། །ཅིར་ཡང་མ་བཅོས་མཚན་ཉིད་འཛིན། །དེ་ལྡོད་༼ལྷོད་༽པུར་ཅི་བི་ང་ནི། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་ནི། །བཞི་ཡི་མཚན་ཉིད་བསྟན་པར་བྱའོ། །མ་བརྩལ་ལྷུན་གྱིས་གྲུབ་པ་ཡི། །དེ་བཞིན་ཕྲིན་ལས་མཚན་ཉིད་ནི། །བྱ་བ་བྱས་པའི་མཚན་ཉིད་ནི། །རང་བཞིན་དག་པར་ལྷུན་གྲུབ་པའི། །དེ་བཞིན་འཕྲིན་ལས་མཚན་ཉིད་ནི། །བག་ཆགས་མེད་པའི་མཚན་ཉིད་འཛིན། །དབང་དང་ལྡན་པས་ལྷུན་གྲུབ་པའི། །དེ་བཞིན་འཕྲིན་ལས་མཚན་ཉིད་ནི། །འཁོར་ལོ་བསྒྱུར་པའི་མཚན་ཉིད་འཛིན། །ཟབ་མོ་ལྟ་བུ་ལྷུན་གྲུབ་པའི། །དེ་བཞིན་འཕྲིན་ལས་མཚན་ཉིད་ནི། ཡོངས་སུ་རྫོགས་པའི་མཚན་ཉིད་འཛིན། །ཀྱོ་མིན་ཀར་ནི་བི་ང་གྱིན། །རྣམ་པར་དག་པའི་སྤྱོད་པ་ནི། །བཞི་ཡི་མཚན་ཉིད་བསྟན་པར་བྱའོ། །ཐབས་ཀྱི་མ་ཆགས་སྤྱོད་པ་ཡི། །རྣམ་པར་དག་པའི་མཚན་ཉིད་ནི། །འཛིན་ཆགས་མེད་པའི་མཚན་ཉིད་འཛིན། །དལ་འབྱོར་ཡིད་མི་གཡོ་བ་ཡི། །སྤྱོད་པ་རྣམ་དག་མཚན་ཉིད་ནི། །ངང་ལ་མ་བཅོས་མཚན་ཉིད་འཛིན། །མཚན་མ་ཅིར་ཡང་མ་སྤྱོད་པའོ། །རྣམ་དག་སྤྱོད་པའི་མཚན་ཉིད་ནི། །སྦྱང་དུ་མེད་དག་མཚན་ཉིད་འཛིན། །རང་བཞིན་ཅིར་ཡང་མ་བཅོས་པའི། །རྣམ་པར་དག་སྤྱོད་མཚན་ཉིད་ནི། །དེ་བཞིན་ཉིད་ཀྱི་མཚན་ཉིད་འཛིན། །ཏི་ལ་དུ་ཡུང་བི་ང་ནི། །ལེགས་པར་འབྱུང་བའི་ཡོན་ཏན་ནི། །བཞི་ཡི་མཚན་ཉིད་དེ་བཞིན་སྟོན། །ཐམས་ཅད་ཡོངས་སུ་མ་སྟོང་པར། །ལེགས་པར་འབྱུང་པའི་ཡོན་ཏན་ནི། །རིན་ཆེན་འོད་ཀྱི་མཚན་ཉིད་འཛིན། །ཐམས་ཅད་ཡོངས་སུ་མ་སྤངས་པར། །ལེགས་པར་འབྱུང་བའི་ཡོན་ཏན་ནི། །བཏང་བྲལ་མེད་པའི་མཚན་ཉིད་འཛིན། །ཐམས་ཅད་ཡོངས་སུ་མ་འགག་པར། །ལེགས་པར་འབྱུང་པའི་ཡོན་ཏན་ནི། །ཐམས་ཅད་ཀུན་བསྐྱེད་མཚན་ཉིད་འཛིན། །ཐམས་ཅད་ཡོངས་སུ་མ་སྒྲིབ་པར། །ལེགས་པར་འབྱུང་པའི་ཡོན་ཏན་ནི། །ཀུན་ལ་གསལ་སྟོང་མཚན་ཉིད་འཛིན། །ཉི་ཤི་ཏུ་གིང་བི་ང་ནི། །སྙོམས་པར་གནས་པའི་ངང་ཉིད་ནི། །བཞི་ཡི་མཚན་ཉིད་བསྟན་པར་བྱའོ། །སྐྱེ་བ་མེད་པའི་དབྱིངས་ཉིད་ལ། །སྙོམས་པར་གནས་པའི་ངང་ཉིད་ནི། །རྒྱུ་མེད་དག་པའི་མཚན་ཉིད་འཛིན། །བདེ་བ་ཆེན་པོའི་ཕོ་བྲང་ནས། །སྙོམས་པར་གནས་པའི་ངང་ཉིད་ནི། མི་གཡོ་རྫོགས་པའི་མཚན་ཉིད་འཛིན། ཀུན་ཏུ་གསལ་བའི་འོད་དབུས་ནས། སྙོམས་པར་གནས་པའི་ངང་ཉིད་ནི། །གསལ་ལ་མི་རྟོགས་མཚན་ཉིད་འཛིན། །ཐུགས་རྗེ་ཆེན་པོའི་རྒྱུན་ཐག་ལ། །སྙོམས་པར་གནས་པའི་ངང་ཉིད་ནི། །མཐར་མི་འཆད་པའི་མཚན་ཉིད་འཛིན། །མུ་ཁྱུང་པྲ་ཕུད་བིང་ང་ནི། །འགྱུར་བ་མེད་པའི་སྐུ་བཞི་ཡི། །མཚན་ཉིད་དེ་བཞིན་བསྟན་པར་བྱའོ། །གསལ་ལ་ཡོངས་སུ་ཁྱབ་པ་ཡི། །འགྱུར་མེད་སྐུ་ཐོབ་མཚན་ཉིད་ནི། །རྟག་ཏུ་གནས་པའི་མཚན་ཉིད་འཛིན། །གཡུང་དྲུང་ལྷུན་ལ་གནས་པ་ཡི། །འགྱུར་མེད་སྐུ་ཐོབ་མཚན་ཉིད་ནི། །ཅིས་ཀྱང་མི་འཇིགས་མཚན་ཉིད་འཛིན། །དེ་བཞིན་སྲོག་མེད་གཡུང་དྲུང་གི། །འགྱུར་མེད་སྐུ་ཐོབ་མཚན་ཉིད་འཛིན། །བདུད་མེད་ལྷ་ཡི་མཚན་ཉིད་འཛིན། །བདེ་ཆེན་བོན་ལ་ཐིམ་པ་ཡི། །འགྱུར་མེད་སྐུ་ཐོབ་མཚན་ཉིད་ནི། །ངང་གི་གནས་པའི་མཚན་ཉིད་འཛིན། །མུ་ཡེ་གླང་ཆེན་བིང་ང་ནི། །རང་བཞིན་མེད་པའི་གསུང་བཞི་ཡི། །མཚན་ཉིད་དེ་བཞིན་བསྟན་པར་བྱའོ། །སྤྲོས་པ་ཐམས་ཅད་དང་བྲལ་ཞིང་། །རང་བཞིན་མེད་གསུང་མཚན་ཉིད་ནི། །བྱིན་གྱིས་རླབས་དོན་མཚན་ཉིད་འཛིན། །མཐར་གྱི་མ་འགག་པར་གནས་པས། །རང་བཞིན་མེད་གསུང་མཚན་ཉིད་ནི། །དངོས་མེད་ཡོངས་ཁྱབ་མཚན་ཉིད་འཛིན། །སྣང་སྲིད་ཡོངས་སུ་གྲགས་པ་ཡི། །རང་བཞིན་མེད་གསུང་མཚན་ཉིད་ནི། །ཟག་མེད་ཀུན་ཁྱབ་མཚན་ཉིད་འཛིན། །དེ་ཉིད་འདུ་འབྲལ་མེད་པ་ཡི། །རང་བཞིན་མེད་གསུང་མཚན་ཉིད་ནི། །གཉིས་སུ་མི་རྟོག་མཚན་ཉིད་འཛིན། །མུ་ནེ་ཤེ་ཐུན་བི་ང་ནི། །མཉམ་ཉིད་འཁྲུལ་པ་མེད་པ་ཡི། །ཐུགས་ནི་བཞི་ཡི་མཚན་ཉིད་སྟོན། །མི་མཉམ་མཉམ་མཁྱེན་རྗེསམི་རྟོགས། །འཁྲུལ་པ་མེད་པའི་ཐུགས་ཉིད་ནི། །བདེ་ཆེན་ཀུན་གསལ་མཚན་ཉིད་འཛིན། །མི་འཁྲུལ་སོ་སོའི་རྗེས་མི་རྟོག །མཉམ་ཉིད་འཁྲུལ་མེད་ཐུགས་ཉིད་ནི། །གཉིས་མེད་དོན་རྟོགས་མཚན་ཉིད་འཛིན། །མི་སྐྱེ་མི་འགག་རྗེས་མི་རྟོགས་། །མཉམ་ཉིད་འཁྲུལ་མེད་ཐུགས་ཉིད་ནི། །འབྲས་བུ་ཡེ་དག་མཚན་ཉིད་འཛིན། །རིག་པ་རྡེང་གྱུར་རྗེས་མི་རྟོགས། །མཉམ་ཉིད་འཁྲུལ་མེད་ཐུགས་ཉིད་ནི། །ཅི་ལ་མི་སྤྱོད་མཚན་ཉིད་འཛིན། །ཏ་ཀྱ་ཧ་ར་ཏེ་ག་ནི། །རྣམ་པ་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་ཉིད་ཀྱི་མཚན་ཉིད་ནི། །ཀུན་གསལ་དོན་རྟོགས་མཚན་ཉིད་འཛིན། །

(སྤྱིའི་གཟིགས་གྲངས། 784 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།