ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

    ཁྲུ་ཅི་༼ཞི་༽ལྒཡུམ་ཞི་བི་ང་ནི། །འགྲོ་བའི་ལམ་ནི་བཞི་བསྟན་པ། །རང་གི་རང་བཞིན་རྒྱུ་ཡི་ལམ། །དེ་བཞིན་འཁོར་བར་རྒྱུད་པའི་ལམ། །ཐུགས་རྗེ་མཐོ་རིས་ཐར་པའི་ལམ། །འཁོར་བ་མེད་པའི་ལམ་དང་བཞིའོ། །རུ་དྲོད་ལྒཡུ་ཞི་ང་དྲུག་ནི། །རང་བཞིན་རྒྱུ་བའི་ལམ་ལྔ་ནི། །མཁའ་ལ་བྱ་འཕུར་གཡང་མི་ཟ། །དེ་བཞིན་བྱ་ལམ་རྗེས་མེད་དང་། །ཉི་ཟླ་རླུང་གི་འཁོར་ལོས་བསྒྱུར། །དེ་བཞིན་རྒྱུན་ཐག་རིང་པའི་ལམ། །ལྷ་འདྲེ་ཡིད་ཀྱི་གཟུགས་ཀྱི་རྒྱུ། །དེ་བཞིན་རྒྱུན་སྲང་གཉན་པའི་ལམ། །མི་དང་སྨྲ་ལམ་མིག་རིས་གཅོད། །དེ་བཞིན་མ་བདེ་བདེ་བའི་ལམ། །ངན་སོང་རྗེས་དང་དྲི་ཡི་རྒྱུ། །དེ་བཞིན་སྔར་དྲན་གཏིང་དེད་ལྔའོ། །ཏི་ཁོར་ལྒཡུམ་ཞི་ང་དྲུག་ནི། །འཁོར་བར་རྒྱུད་པའི་ལམ་ལྔ་སྟོན། །ལྷ་རྣམས་ལོངས་སྤྱོད་གཡེང་བས་ལྷུང་། །ལྟུང་བས་འཁོར་བར་རྒྱུད་པའི་ལམ། །མི་རྣམས་ལས་ཀྱི་དབང་གིས་འགྱུར། །འགྱུར་བས་འཁོར་བར་རྒྱུུད་པའི་ལམ། །བྱོལ་སོང་གཏི་མུག་མི་ཤེས་རྨོངས། །རྨོངས་པས་འཁོར་བར་རྒྱུད་པའི་ལམ། །ཡི་དྭགས་སེར་སྣའི་འདུད་པས་བཅིངས། །བཅིངས་པས་འཁོར་བར་རྒྱུད་པའི་ལམ། །དམྱལ་བ་ཞེ་སྡང་སྲོག་གཅོད་པས། །བཅད་པས་འཁོར་བར་རྒྱུད་ལམ་ལྔའོ། །དམུ་ཏོར་ལྒཡུམ་ཞི་ང་དྲུག་ནི། །མཐོ་རིས་ཐར་པའི་ལམ་ལྔ་ནི། །མི་བདེ་ངན་སོང་གསུམ་པོ་ལས། །དེ་བཞིན་མཐོ་རིས་ཐར་པའི་ལམ། །སྡུག་བསྔལ་བརྒྱད་དང་བཅུ་དྲུག་ལས། །བདེ་བ་མཐོ་རིས་ཐར་པའི་ལམ། །གཡང་ས་ན་རག་སྒོ་དགུ་ལས། །དོན་གྱི་མཐོ་རིས་ཐར་པའི་ལམ། །ཉི་ཚེ་ཡིད་ཀྱི་གཟུགས་ཅན་ལས། །ཞི་བས་མཐོ་རིས་ཐར་པའི་ལམ། །མི་འམ་དྲི་ཟ་ཉེ་འཁོར་ལ། །བགྲོད་པས་ཐར་པའི་ལམ་ལྔའོ། །ཏི་ཁོར་མ་མིན་ང་དྲུག་ནི། །འཁོར་བ་མེད་པའི་ལམ་ལྔ་སྟོན། །ཅི་ཡང་རྣམ་པར་མ་ཆགས་པ། །འཁོར་བ་མེད་པའི་ལམ་མཆོག་དང་། །གཡུང་དྲུང་ས་ལ་བདེར་གཤེགས་པ། །དེ་བཞིན་འཁོར་བ་མེད་པའི་ལམ། །གཟའ་གཏད་མེད་པའི་བླར་ཕྱིན་པ། །འཁོར་བ་ཅིར་ཡང་མེད་པའི་ལམ། །ཐོགས་མེད་རྩལ་གསུམ་གཅོད་པའི་ལམ། །འཁོར་བ་མེད་པའི་ལམ་རྟོགས་དང་། །མ་བགྲོད་གནས་སུ་ཕྱིན་པ་ཡི། །འཁོར་བ་མེད་པའི་ལམ་དང་ལྔའོ། །སྲིད་པའི་མཛོད་ཕུགས་ཀྱི་བགྲོད་ལམ་བསྟན་པའི་གནས་བཅོ་ལྔའོ། །།སླ་ཞི་ནམ་ལུ་ནི་སུམ་ནི། །ས་དང་གནས་ནི་གསུམ་བསྟན་པ། །རང་བཞིན་རིམ་གྱི་གནས་པ་ཡི། །ཁམས་གསུམ་འཁོར་བའི་ས་དགུ་དང་། །དོན་གྱི་རིག་འཛིན་བདེ་འཁོར་པའི། །གཡུང་དྲུང་ཐེག་པའི་ས་བཅུ་དང་། །དོན་ལ་མི་གཡོ་མཉམ་གསལ་བའི། །བོན་ཉིད་བདེ་ཆེན་ས་དང་གསུམ། །ཕྱོས་སྨི་ནེ་སུམ་གུ་དུན་ནི། །ཁམས་གསུམ་འཁོར་བའི་ས་དགུ་ནི། །ལྟུང་བ་ཟད་པ་ཏུ་༼དུ་༽ཏི་ས། །པྲིང་རྒྱུད་དུ་མུར་བྱིངས་ཀྱི་ས། །ཀུན་ཏུ་འགྲོ་ནི་རིགས་ཀྱི་ས། །སླས་ཤི་ཤིམ་པོད་༼མི་ཕོད་༽ད་ར་ས། །ལི་༼ལོ་༽བི་སྤྱོད་པས་རྒྱུ་བའི་ས། །མཚོན་པས་བརྟན་པ་དུ་ཕང་ས། །ཏིང་ཞི་ཁིར་ཀར་སླས་ཞི་ས། །ཉེ་ལོ་མུར་ཏི་ཀྱོ་ཙང་ས། །མིང་བཞི་བརྟེན་པས་སྐྱེ་མཆེད་པའོ་༼སའོ༽། །དྲུང་མུ་ས་གཞི་ཅུ་ཙེ་ནི། །གཡུང་དྲུང་ཐོབ་པའི་ས་བཅུ་ནི། །སླ་ཞི་ཏི་ནི་ག་ག་གྱིན། །དང་པོ་རབ་ཏུ་དགའ་བའི་ས། །ནེ་སུམ་ཀྱོ་ཚ་༼ཚང་༽༼ཀོ་ཙེང་༽མ་མིན་ནི། །གཉིས་པ་དྲི་མེད་ཤེལ་གྱི་ས། །སུམ་པ་ཁི་ཀར་བྷ་ར་ནི། །གསུམ་པ་འོད་ཟེར་འཕྲོ་བའི་ས། །བིང་ང་ཁྲི་ཏོག་ཏེ་ཅི་གྱིན། །བཞི་པ་ཕྱག་རྒྱ་ཀུན་བསྒྱུར་ས། །ང་དྲུག་གྱེར་ཞི་དུ་པུར་ནི།༼ང་དྲུག་དུ་པང་གྱེར་ཞི་པུར།༽ །ལྔ་པ་བོན་ཉིད་སྤྲིན་ཚོགས་སྡུད། །དྲུག་སྣིས་དེ་ལོས་མུ་ཏོག་ནི། །དྲུག་པ་བདེ་ལྡན་རྟོགས་པའི་ས། །སྣི་ཙེ་ཐ་ཡུད་མོར་༼མུར་༽ཏི་སླས། །བདུན་པ་ཡིད་བཞིན་ཀུན་འགྲུབ་ས། །སྣི་གྱད་ཀྱི་༼ཀྱོ་༽མིན་ཀ་ཤ་ནི། །བརྒྱན་ནི་མ་ཆགས་དག་པའི་ས། །གུ་དུན་གུ་ཙེག་ཙ་༼ཙག་༽ཀོར་ནི། །དགུ་པ་ཡི་གེ་འཁོར་ལོའི་ས། །ཅུ་ཙེ་དྲུང་མུ་ཀ་ཀྱུ་ནི། །བཅུ་པ་འགྱུར་མེད་གཡུང་དྲུང་ས། །ཅུ་ཏིག་དུ་ཁིར་༼འཁོར་༽ཞི་ལ་ནི། །དེ་ལས་གཅིག་ནི་ཡར་འཕགས་པ། །བཅུ་གཅིག་ཀུན་ཏུ་འོད་ཀྱི་སའོ། །ཏི་ག་༼དེ་ཏིག་༽གྱོར་ནོ་སླ་ཏིག་ནི། །བདེ་ཆེན་བོན་གྱི་ས་ལ་ནི། །ཅི་ཡང་བརྗོད་དུ་མེད་པ་ལས། །མི་གཡོ་མཉམ་གསལ་སྐུ་གསུམ་རྫོགས། སྲིད་པའི་མཛོད་ཀྱི་ས་དང་གནས་བསྟན་པའི་གནས་བཅུ་དྲུག་པའོ།།།།

(སྤྱིའི་གཟིགས་གྲངས། 784 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།