ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

ཉིད་འཛིན། །སྐྱེ་འགག་རྒོད་རྐྱང་མེད་པ་རུ། །ཐིག་ལེ་གཡུང་དྲུང་མཚན་ཉིད་འཛིན། །སྤོང་ལེན་རྒོད་རྐྱང་མེད་པ་རུ། །དོན་ངེས་གཡུང་དྲུང་མཚན་ཉིད་འཛིན། །འཕོ་འགྱུར་རྒོད་རྐྱང་མེད་པ་རུ། །མ་ཡེངས་གཡུང་དྲུང་མཚན་ཉིད་འཛིན། །ཡོད་མེད་རྒོད་རྐྱང་མེད་པ་རུ། །ཏིང་འཛིན་གཡུང་དྲུང་མཚན་ཉིད་འཛིན། །རྟག་ཆད་རྒོད་རྐྱང་མེད་པ་རུ། །དབུས་རྟོགས་གཡུང་དྲུང་མཚན་ཉིད་འཛིན། །འབྱུང་འཇུག་རྒོད་རྐྱང་མེད་པ་རུ། །ཡང་རྟེན་གཡུང་དྲུང་མཚན་ཉིད་འཛིན། །ཚིག་ཚོགས་རྒོད་རྐྱང་མེད་པ་རུ། །མན་ངག་གཡུང་དྲུང་མཚན་ཉིད་འཛིན། །ཆ་འཛིན་རྒོད་རྐྱང་མེད་པ་རུ། །མཉམ་གཞག་གཡུང་དྲུང་མཚན་ཉིད་འཛིན། །གཡུང་དྲུང་གི་ཡན་ལག་དགུ་པ་བྱོན་ནོ། །གྱེར་ངོད་ཏི་ང་བིང་ང་ནི། །གཤེན་རབ་ཀྱི་ནི་བདེན་པ་སྟེ། །བཞི་ཡི་མཚན་ཉིད་དེ་བཞིན་སྟོན། །དོན་ནི་དམ་པར་གསུངས་པ་ནི། །གཤེན་རབ་བདེན་པའི་མཚན་ཉིད་ནི། །མཉམ་ཉིད་མ་བཅོས་མཚན་ཉིད་འཛིན། །གཏན་ལ་ཕབ་པར་གསུང་པ་ཡིས། །གཤེན་རབ་བདེན་པའི་མཚན་ཉིད་ནི། །རྡེང་ཆེན་མི་འགྱུར་མཚན་ཉིད་འཛིན། །བཀའ་ནི་ཚད་མར་གསུང་པ་ཡི། །གཤེན་རབ་བདེན་པའི་མཚན་ཉིད་ནི། །མ་བཅོས་མ་བསླད་མཚན་ཉིད་ནི། །ཡང་དག་ངེས་པར་གསུང་པ་ཡིས། །གཤེན་རབ་བདེན་པའི་མཚན་ཉིད་ནི། །བསླུ་བར་མི་འགྱུར་མཚན་ཉིད་འཛིན། །ཅ་རིས་ཇུ་ཕྱི་བི་ང་ནི། །སོ་སོ་ཡང་དག་རིག་པ་བཞིའི། །དེ་བཞིན་མཚན་ཉིད་བསྟན་པར་བྱའོ། །སྤྱི་དང་རང་གི་མཚན་ཉིད་ནི། །མ་འདྲེས་སོ་སོར་རྟོགས་པ་ལས། །ཡོན་ཏན་ཀུན་འབྱུང་མཚན་ཉིད་ནི། །མཉམ་ལ་མ་འདྲེས་མཚན་ཉིད་འཛིན། །ལས་ཀྱི་རྣམ་པ་ཐམས་ཅད་ནི། །མ་འདྲེས་རྟོགས་པའི་མཚན་ཉིད་ནི། །མི་འཇུག་འཇུག་པའི་མཚན་ཉིད་འཛིན། །གནས་ཀྱི་ཁྱད་པར་སོ་སོ་རུ། །ཡང་དག་རིག་པའི་མཚན་ཉིད་ནི། །མི་མཉམ་མཉམ་པའི་མཚན་ཉིད་འཛིན། །དགེ་སྡིག་འབྲས་བུ་མ་འདྲེས་པར། །སོ་སོར་རིག་པའི་མཚན་ཉིད་ནི། །མི་བདེ་བ་ཡིི་མཚན་ཉིད་འཛིན། །རྙུ་ནར་ཇུ་ཅི་དྲུག་སྣིས་ཅི།༼རྐུ་ནར་ཛུན་ཅི་ང་དྲུག་ནི།༽ །མི་བསྙེལ་པ་ཡི་གཟུངས་དག་ནི། །བདུན་གྱི་མཚན་ཉིད་བསྟན་པར་བྱ། །གཡེང་བ་མེད་པའི་སྤྱན་ལྡན་པས། །མི་བསྙེལ་གཟུངས་ཐོབ་མཚན་ཉིད་ནི། །འགྱུར་མེད་གཟིགས་པའི་མཚན་ཉིད་འཛིན། །མ་སྒྲིབ་རིག་པ་རང་ཤར་བས། །མི་བསྙེལ་གཟུངས་ཐོབ་མཚན་ཉིད་ནི། །མ་རྨོངས་གསལ་རྟོགས་མཚན་ཉིད་འཛིན། །མ་བཅོས་ཡེ་ཤེས་རང་སྣང་བས། །མི་བསྙེལ་གཟུངས་ཐོབ་མཚན་ཉིད་ནི། །གསལ་ལ་མ་འགག་མཚན་ཉིད་འཛིན། །མི་གཡོ་དགོངས་པས་སྤྱིར་ཁྱབ་པས། །མི་བསྙེལ་གཟུངས་ཐོབ་མཚན་ཉིད་ནི། །ངང་ལ་གནས་པའི་མཚན་ཉིད་འཛིན། །མི་འཁྲུལ་ཤེས་རབ་ལྡན་གྱུར་པས། །མི་བསྙེལ་གཟུངས་ཐོབ་མཚན་ཉིད་ནི། །ཐམས་ཅད་མཁྱེན་སྟོབས་མཚན་ཉིད་འཛིན། །རྣམ་པར་མི་རྟོགས་ལྟ་བ་ཡི། །མི་བསྙེལ་གཟུངས་ཐོབ་མཚན་ཉིད་ནི། །མ་བརྟགས་རྟོགས་པའི་མཚན་ཉིད་འཛིན། །མི་འགྱུར་འབྲས་བུ་གསལ་རྟོགས་པས། །མི་བསྙེལ་གཟུངས་ཐོབ་མཚན་ཉིད་ནི། །སྲིད་པས་མ་བཅོས་མཚན་ཉིད་འཛིན། །མུ་གི་ཉི་ལོད་གུ་དུན་ནི། །མཐར་གྱི་སྙོམས་པར་འཇུག་པ་ནི། །དགུ་ཡི་མཚན་ཉིད་བསྟན་པར་བྱ། །རྣམ་པར་མ་རྟོགས་ལྟ་བ་ལ། །མཐར་གྱི་སྙོམས་འཇུག་མཚན་ཉིད་ནི། །ཐམས་ཅད་སེམས་སུ་མཚན་ཉིད་འཛིན། །མི་འགྱུར་མི་ལོག་བསམ་གཏན་ལ། །མཐར་གྱི་སྙོམས་འཇུག་མཚན་ཉིད་ནི། །ཅིར་ཡང་མི་འབྱེད་མཚན་ཉིད་འཛིན། །མ་འཁྲུག་མི་འཚོལ་བདེན་པ་ལ། །མཐར་གྱི་སྙོམས་འཇུག་མཚན་ཉིད་ནི། །དོན་ལ་ཡོངས་འདུས་མཚན་ཉིད་འཛིན། །ཐབས་ཀྱི་མ་ཆགས་སྤྱོད་པ་ལ། །མཐར་གྱི་སྙོམས་འཇུག་མཚན་ཉིད་ནི། །ཀུན་སྤོང་དག་པའི་མཚན་ཉིད་འཛིན། །ལྷུན་གྱིས་གྲུབ་པའི་འཕྲིན་ལས་ལ། །མཐར་གྱི་སྙོམས་འཇུག་མཚན་ཉིད་ནི། །མི་གཡོ་མི་རྩོལ་མཚན་ཉིད་འཛིན། །བགྲོད་དུ་མེད་པའི་ལམ་རྣམས་ལ། །མཐར་གྱི་སྙོམས་འཇུག་མཚན་ཉིད་ནི། །གཡང་ས་མེད་རྟོགས་མཚན་ཉིད་འཛིན། །དམིགས་པ་མེད་པའི་ས་གནས་ལ། །མཐར་གྱི་སྙོམས་འཇུག་མཚན་ཉིད་ནི། །བྱུང་ཚོར་མེད་པའི་བཟོད་པ་ལ། །མཐར་གྱི་སྙོམས་འཇུག་མཚན་ཉིད་ནི། །ཡེ་སངས་རྒྱས་པའི་མཚན་ཉིད་འཛིན། །གཟའ་གཏད་མེད་པའི་དགོངས་པ་ལ། །མཐར་གྱི་སྙོམས་འཇུག་མཚན་ཉིད་ནི། །མེད་ལས་རྒྱུན་ཆགས་མཚན་ཉིད་འཛིན། །ཚར་ཅི་མ་མིན་བིང་ང་ནི། །མཚན་མ་མེད་ལས་སྙོམས་འཇུག་པ། །བཞི་ཡི་མཚན་ཉིད་བསྟན་པར་བྱའོ། །དངོས་པོའི་མཚན་མ་མེད་པ་ལ། །སྙོམས་པར་འཇུག་པའི་མཚན་ཉིད་ནི། །ཅིར་ཡང་མི་སྣང་མཚན་ཉིད་འཛིན། །རང་བཞིན་མཚན་མ་མེད་པ་ལ། སྙོམས་པར་འཇུག་པའི་མཚན་ཉིད་ནི། །ཅིར་ཡང་མ་གྲུབ་མཚན་ཉིད་འཛིན། །རྣམ་རྟོག་མཚན་མ་མེད་པ་ལས། །སྙོམས་པར་འཇུག་པའི་མཚན་མ་ནི། །ཅིར་ཡང་མི་འབྱུང་མཚན་ཉིད་ནི། །བག་ཆགས་མཚན་མ་མེད་པ་ལ། །སྙོམས་པར་འཇུག་པའི་མཚན་ཉིད་ནི། །ཅིར་ཡང་མི་རྒྱུ་མཚན་ཉིད་འཛིན། གཡུང་དྲུང་དབྱིངས་ནི་དགུ་བསྟན་པ། མུ་མེད་གཡུང་དྲུང་དབྱིངས་དག་ནི། རང་བཞིན་མུ་མེད་མཚན་ཉིད་འཛིན། འབྱམས་ཡས་གཡུང་དྲུང་དབྱིངས་དག་ནི། རང་བཞིན་འབྱམས་ཡས་མཚན་ཉིན་འཛིན། རྒྱ་མ་ཆད་པའི་དབྱིངས་དག་ནི། རང་བཞིན་མ་ཆད་མཚན་ཉིད་འཛིན། ཁ་གཏིང་མེད་པའི་དབྱིངས་དག་ནི། རང་བཞིན་མ་ཆད་མཚན་ཉིད་འཛིན། ཁ་གཏིང་མེད་པའི་དབྱིངས་དག་ནི། རང་བཞིན་གཏིང་མེད་མཚན་ཉིད་འཛིན། དཔག་ཏུ་མེད་པའི་དབྱིངས་དག་ནི། རང་བཞིན་དཔག་མེད་མཚན་ཉིད་འཛིན། དོགས་མེད་གཡུང་དྲུང་དབྱིངས་དག་ནི། རང་བཞིན་དོགས་མེད་མཚན་ཉིད་འཛིན། གདལ་པ་ཆེན་པོ་དབྱིངས་དག་ནི། རང་བཞིན་གདལ་པའི་མཚན་ཉིད་འཛིན། ཟད་མེད་གཡུང་དྲུང་དབྱིངས་དག་ནི། རང་བཞིན་འགྱུར་མེད་མཚན་ཉིད་འཛིན། །དེ་རྐྱམ་ཤེས་རི་བི་ང་ནི། །རྒྱུན་ཏུ་གནས་པའི་ཐུགས་རྗེ་ནི། །བཞི་ཡི་མཚན་ཉིད་བསྟན་པར་བྱ། །རྒྱུན་མི་ཆད་པའི་མཆོག་གྱུར་པ། །རྒྱུན་གནས་ཐུགས་རྗེའི་མཚན་ཉིད་ནི། །ཟད་མེད་རྒྱུན་ཆགས་མཚན་ཉིད་འཛིན། །ཟད་པ་མེད་པའི་མཆོག་གྱུར་པས། །རྒྱུན་གནས་ཐུགས་རྗེའི་མཚན་ཉིད་ནི། །རྒྱུ་ལས་མ་རེག་མཚན་ཉིད་འཛིན། །ཀུན་ལ་སྙོམས་པའི་མཆོག་གྱུར་པ། །རྒྱུན་གནས་ཐུགས་རྗེའི་མཚན་ཉིད་ནི། །སྙོམས་པ་ངང་གི་མཚན་ཉིད་འཛིན། །དཔག་ཏུ་མེད་པའི་མཆོག་གྱུར་པས། །རྒྱུན་གནས་ཐུགས་རྗེའི་

(སྤྱིའི་གཟིགས་གྲངས། 793 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།