ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

འཛིན། །དངོས་པོ་མེད་པའི་ངོ་བོ་ཉིད། །རབ་ཏུ་སྟོང་པའི་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །སྟོང་གསལ་བདག་མེད་མཚན་ཉིད་འཛིན། །དངོས་པོ་མེད་པའི་ངོ་བོ་ཉིད། །ཆེན་པོར་སྟོན་པའི་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཁྱབ་བདལ་འུབ་ཆུད་མཚན་ཉིད་འཛིན། །དངོས་པོ་མེད་པའི་ངོ་བོ་ཉིད། །རྒྱ་ཆེ་མི་དམིགས་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །མ་བཅོས་དམིགས་མེད་མཚན་ཉིད་འཛིན། །གྱེར་ཞི་༼ཅིར་༽མུ་ཧར་༼ཁར་༽ང་དྲུག་ནི། །བོན་རྣམས་ཐམས་ཅད་སྟོང་པ་ཡིས། །དེ་བཞིན་རྣམ་པ་དྲུག་བསྟན་པ། །བོན་དང་བོན་ཉིད་ཐམས་ཅད་ནི། །སྟོང་པ་དམ་པའི་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །སྐྱེ་དང་སྐྱེ་མེད་གདོད་ནས་དག །ཀུན་ཀྱང་སྟོང་པའི་མཚན་ཉིད་འཛིན། །བོན་དང་བོན་ཉིད་ཐམས་ཅད་ནི། །དེ་བཞིན་སྟོང་པར་དོན་རྟོགས་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཚད་དང་ཚད་མེད་ལྷུན་ལ་རྫོགས། །ངེས་པར་སྟོང་པའི་མཚན་ཉིད་འཛིན། །བོན་དང་བོན་ཉིད་ཐམས་ཅད་ནི། །ཡོངས་སུ་སྟོང་པའི་དོན་རྟོགས་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །སྣང་དང་མི་སྣང་དཔེ་ལས་འདས། །སྟོང་པར་སྟོང་པའི་མཚན་ཉིད་འཛིན། །བོན་དང་བོན་ཉིད་ཐམས་ཅད་ནི། །རབ་ཏུ་སྟོང་པར་དོན་རྟོགས་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །དངོས་མེད་ཡུལ་ལས་འདས་པ་རུ། །སྟོང་པར་སོང་བའི་མཚན་ཉིད་འཛིན། །བོན་དང་བོན་ཉིད་ཐམས་ཅད་ནི། །ཆེན་པོ་སྟོང་པར་དོན་རྟོགས་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །གསལ་ལ་རྟག་ཏུ་མེད་པ་ཡི། །སྟོང་པར་འབྱམས་པའི་མཚན་ཉིད་འཛིན། །བོན་དང་བོན་ཉིད་ཐམས་ཅད་ནི། །རྒྱ་ཆེ་དམིགས་མེད་སྟོང་པ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །མི་འགྱུར་གཡུང་དྲུང་ཐོབ་པ་ཡིས། །སྟོང་པར་མཇལ་བའི་མཚན་ཉིད་འཛིན། །དམུ་ཧར་དམུ་ཙེ་ང་དྲུག་ནི། །སྟོང་པ་ཉིད་ནི་སྟོང་པ་ཡིས། །དེ་བཞིན་རྣམ་པ་དྲུག་བསྟན་པ། །སྟོང་པ་ཉིད་ནི་ཐམས་ཅད་ལས། །སྟོང་པ་དམ་པའི་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །ནམ་མཁའ་རང་བཞིན་སྟོང་པ་ལྟར། །ཅིར་ཡང་མ་བྱུང་མཚན་ཉིད་འཛིན། །སྟོང་པ་ཉིད་ནི་སྟོང་པ་ལས། །དེ་བཞིན་སྟོང་པའི་དོན་འདས་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །ནམ་མཁའི་ངོགས་ནི་སྟོང་པ་ལྟར། །ཅིར་ཡང་མི་སྣང་མཚན་ཉིད་འཛིན། །སྟོང་པ་ཉིད་ནི་སྟོང་པ་ལ། །ཡོངས་སུ་སྟོང་པའི་དོན་འདུས་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །ནམ་མཁའི་དབྱིངས་ནི་སྟོང་པ་ལྟར། །ཅིར་ཡང་མི་རྟོགས་མཚན་ཉིད་འཛིན། །སྟོང་པ་ཉིད་ནི་སྟོང་པ་ལས། །རབ་ཏུ་སྟོང་པའི་དོན་འདུས་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །ནམ་མཁའི་མཚན་ཉིད་སྟོང་པ་ལྟར། །ཅིར་ཡང་མ་ཡིན་མཚན་ཉིད་འཛིན། །སྟོང་པ་ཉིད་ནི་སྟོང་པ་ལས། །སྟོང་པ་ཆེན་པོའི་དོན་འདུས་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །ནམ་མཁའི་རྒྱ་ཁྱོན་སྟོང་པ་ལྟར། །ཁྱབ་བདལ་མ་བཅོས་མཚན་ཉིད་འཛིན། །སྟོང་པ་ཉིད་ནི་སྟོང་པ་ལས། །རྒྱ་ཆེ་དམིགས་མེད་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ནམ་མཁའི་སྙིང་པོ་སྟོན་པ་ལྟར། །དེ་ཉིད་སྟོང་པའི་མཚན་ཉིད་འཛིན། །སྲིད་པའི་མཛོད་ཕུགས་ཀྱི་སྟོང་པ་བཅོ་བརྒྱད་ཀྱི་མཚན་ཉིད་བསྟན་པའོ།། །།དེ་རྐྱམ་དྲིན་ཅི་བིང་ང་ནི༼ཅི་༽། །དྲན་པ་ཉེ་བར་གཞག་པ་བཞིའི། མཚན་ཉིད་དེ་བཞིན་བསྟན་པར་བྱའོ། །ལུས་ཀྱི་དྲན་པ་ཉེར་བཞག་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །མི་རྟག་སྒྱུ་མའི་རང་བཞིན་དུ། །དེ་བཞིན་རྟོག་པའི་མཚན་ཉིད་འཛིན། །སེམས་ནི་དྲན་པ་ཉེར་བཞག་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །གསལ་ལ་རང་བཞིན་མེད་པ་རུ། །དེ་བཞིན་རྟོག་པའི་མཚན་ཉིད་འཛིན། །ཚོར་བ་དྲན་པ་ཉེར་བཞག་པས། །བླ་མེད་འབྲས་བུ་ཐོབ་པ་ནི། བདེ་ལྡན་ཉམས་སུ་མྱོང་བ་རུ། དེ་བཞིན་རྟོགས་པའི་མཚན་ཉིད་འཛིན། བོན་ནི་དྲན་པ་ཉེར་བཞག་པས། བླ་མེད་འབྲས་བུ་ཐོབ་པ་ནི། །སྐྱེ་མེད་དབྱིངས་སུ་གསལ་བ་རུ། །དེ་བཞིན་རྟོག་པའི་མཚན་ཉིད་འཛིན། །ཏིག་ཏི་དུ་བུར་བིང་ང་ནི། །ཡང་དག་སྤོང་པ་བཞི་ཡིི་ནི། །མཚན་ཉིད་དེ་བཞིན་བསྟན་པར་བྱ། །ཡོད་མེད་གཉིས་མཐའ་རྗེས་མི་མཐོང་། །འཁྲུལ་པའི་དྲན་པ་ཡང་དག་སྤང་། །བླ་མེད་འབྲས་བུ་ཐོབ་པ་ནི། །ནམ་མཁའི་ངང་ཚུལ་དེ་བཞིན་དུ། །ཡོད་མེད་གཉིས་མཐར་རྗེས་མི་མཐོང་། །མཐའ་གཉིས་མི་འཁྲུལ་མཚན་ཉིད་འཛིན། །རྟག་ཆད་གཉིས་སུ་རྗེས་མི་སྤྱོད། །འཁྲུལ་པའི་དྲན་པ་ཡང་དག་སྤང་། །བླ་མེད་འབྲས་བུ་ཐོབ་པ་ནི། །མུ་མེད་ནམ་མཁའི་སྙིང་པོ་ལྟར། །རྟག་ཆད་གཉིས་སུ་མི་འགྱུར་ཞིང་། །གཉིས་མེད་མཉམ་པའི་མཚན་ཉིད་འཛིན། །གཟུང་འཛིན་གཉིས་མཐའ་རྗེས་མི་མཐོང་། །འཁྲུལ་པའི་དྲན་པ་ཡང་དག་སྤངས། །བླ་མེད་འབྲས་བུ་ཐོབ་པ་ནི། །མུ་མེད་ནམ་མཁའི་སྙིང་པོ་ལྟར། །གཟུང་འཛིན་གཉིས་སུ་མི་འགྱུར་ཞིང་། །བག་ཆགས་ཡོངས་སྤངས་མཚན་ཉིད་འཛིན། །བྱིང་རྒོད་གཉིས་མཐའ་རྗེས་མི་མཐོང་། །འཁྲུལ་པའི་དྲན་པ་ཡང་དག་སྤངས། །བླ་མེད་འབྲས་བུ་ཐོབ་པ་ནི། །མུ་མེད་ནམ་མཁའི་སྙིང་པོ་ལྟར། །བྱིང་རྒོད་གཉིས་སུ་མི་འགྱུར་ཞིང་། །སེམས་ཀྱི་དྲོད་ཚད་༼རྙེད་༽མཚན་ཉིད་འཛིན། ཞང་ཟེ་ཚས་ཕྲུ་བིང་ང་ནི། །རྫུ་འཕྲུལ་རྐང་པ་བཞི་རྣམས་ཀྱིས། །མཚན་ཉིད་དེ་བཞིན་བསྟན་པར་བྱའོ། །མོས་པར་སྤྱོད་པའི་ཏིང་འཛིན་གྱིས། །འཁྲུལ་པ་སྤོང་པའི་འདུ་བྱེད་ལྡན། །དེ་བཞིན་རྫུ་འཕྲུལ་རྐང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །སེམས་ཅན་ནམ་མཁའི་དབྱིངས་སྙོམས་པའི། །དེ་བཞིན་མཚན་ཉིད་འཛིན་པའོ། །མདུན་པ་བསྐྱེད་པའི་ཏིང་འཛིན་གྱི། །དེ་བཞིན་རྫུ་འཕྲུལ་རྐང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །བྱམས་སྙོམས་དོན་ལ་རེག་པ་རུ། །དེ་བཞིན་མཚན་ཉིད་འཛིན་པའོ། །གསལ་བར་རྟོགས་པའི་ཏིང་འཛིན་གྱིས། །འཁྲུལ་པ་སྤོང་པའི་འདུ་བྱེད་ལྡན། །དེ་བཞིན་རྫུ་འཕྲུལ་རྐང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། གསལ་ལ་ཅི་ཡང་མ་འགག་པར། །དེ་བཞིན་མཚན་ཉིད་འཛིན་པའོ། །མཉམ་པ་ངང་གི་ཏིང་འཛིན་གྱི། །འཁྲུལ་པ་སྤོང་པའི་འདུ་བྱེད་ལྡན། །དེ་བཞིན་རྫུ་འཕྲུལ་རྐང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཐབས་ཀྱི་དམིགས་མེད་མཉམ་པ་རུ། །དེ་བཞིན་མཚན་ཉིད་འཛིན་པའོ། །ཟུར་ཀླུང་ཏི་ཤིན་ང་དྲུག་ནི། །དབང་པོ་དྲུག་གི་མཚན་ཉིད་སྟོང་། །ཐམས་ཅད་རྣམ་པར་གཅོད་པ་སྟེ། །གཅོད་པའི་དབང་པོ་དེ་ཉིད་ཀྱིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ངེས་པའི་ཆ་རྟོག་མཚན་ཉིད་འཛིན། །མཉམ་སྦྱོར་ཀུན་གྱི་སྲོག་འཛིན་པས། །སྲོག་གི་དབང་པོ་དེ་ཉིད་ཀྱིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཐུགས་རྗེ་རྒྱུན་ཆགས་མཚན་ཉིད་འཛིན། །ཡང་དག་དོན་ལ་རྟོགས་པ་ཡི། །རྟོགས་པའི་དབང་པོ་དེ་ཉིད་ཀྱིས། །བླ་མེད་འབྲས་བུ་ཐོབ་པ་ནི། །རྡེང་དུ་གྱུར་པའི་མཚན་ཉིད་འཛིན། །ཀུན་ལ་གསལ་བར་ཤེས་པ་ཡི། །ཤེས་པའི་དབང་པོ་དེ་ཉིད་ཀྱིས། །བླ་མེད་འབྲས་བུ་ཐོབ་པ་ནི། །མཁྱེན་གསལ་མ་སྒྲིབ་མཚན་ཉིད་འཛིན། །ཀུན་ལ་རེག་པས་ཆ་འབྱེད་པའི། །རེག་པའི་དབང་པོ་དེ་ཉིད་ཀྱིས། །བླ་མེད་འབྲས་བུ་ཐོབ་པ་ནི། །རྣམ་པར་འབྱེད་འཇུག་མཚན་ཉིད་འཛིན། །ཐམས་ཅད་ཀུན་ནས་འོད་གསལ་བའི། །གསལ་བའི་དབང་པོ་དེ་ཉིད་ཀྱིས། །བླ་མེད་འབྲས་བུ་ཐོབ་པ་ནི། །དཔྱོད་ལ་འདས་གསལ་མཚན་ཉིད་འཛིན། །ཉེ་ལོ་དུ་ཅོ་ང་དྲུག་ནི། །ཏིང་འཛིན་རྣམ་པ་དྲུག་བསྟན་པ། །ཀུན་ནས་ཡེ་

(སྤྱིའི་གཟིགས་གྲངས། 784 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།