ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

ད་དོད་ང་༼ད་༽ར་ཅུ་དེས་སུམ། །སྐྱེ་མཆེད་རྣམ་པ་བཅུ་གཉིས་སྟོན། །ཀུན་གསལ་མཁའ་ལ་སྤྲོ་བསྡུ་བ། །གསལ་བ་མིག་གི་སྐྱེ་མཆེད་དང་། །ཁ་དོག་དངོས་པོ་སྤྲོ་འདུ་བ། །དངོས་འཕེལ་གཟུགས་ཀྱི་སྐྱེ་མཆེད་དང་། །ཀུན་ཐོས་མཁའ་ལས་སྤྲོ་འདུ་བ། །གོ་འབྱེད་རྣ་བའི་སྐྱེ་མཆེད་དང་། །དངོས་མེད་ཅིར་ཡང་སྤྲོ་འདུ་བ། །ཀུན་གྲགས་སྒྲ་ཡི་སྐྱེ་མཆེད་དང་། །ཀུན་ཚོར་མཁའ་ལས་སྤྲོ་འདུ་བ། །ཚོར་བ་སྣ་ཡི་སྐྱེ་མཆེད་དང་། །དྲི་དང་ཡོངས་སུ་སྤྲོ་འདུ་བ། །ངད་ལྡན་དྲི་ཡི་སྐྱེ་མཆེད་དང་། །མཁའ་ལ་རྣམ་གྲོལ་སྤྲོ་འདུ་བ། །གྲོལ་བ་ལྕེ་ཡི་སྐྱེ་མཆེད་དང་། །རོ་མཆོག་ཅིར་ཡང་སྤྲོ་འདུ་བ། །རོ་ཡི་ཕྱོགས་གསལ་སྐྱེ་མཆེད་དང་། །མཁའ་ལ་ལུས་འབྱུང་སྤྲོ་འདུ་བ། །སྣང་བྱེད་ལུས་ཀྱི་སྐྱེ་མཆེད་དང་། །ཡིད་ལས་རེག་ཚོར་སྤྲོ་འདུ་བ། །འདུས་པ་རེག་བྱའི་སྐྱེ་མཆེད་དང་། །མཁའ་ལས་ཐམས་ཅད་བསྐྱེད་བསྐུལ་པ། །བྱེད་པས་སྤྲོ་འདུའི་སྐྱེ་མཆེད་དང་། །དེ་བཞིན་ངང་གི་སྤྲོ་འདུ་བ། །རང་བཞིན་བོན་གྱི་སྐྱེ་མཆེད་དང་། །ཐ་ཛར་ད་ར་ཅུ་ནས་སུམ། །རེག་པའི་རྣམ་པ་བཅུ་གཉིས་སྟོན། །གཟུགས་ནི་སྡུག་པས་ཡིད་ལ་རེག །དེ་བཞིན་གཟུགས་ཀྱང་སེམས་འཕང་སྐྱེ། །གཟུགས་མི་སྡུག་པས་ཡིད་ལ་རེག །དེ་བཞིན་གཟུགས་ཀྱི་སེམས་བྱིང་དང་། སྒྲ་ནི་སྙན་པ་ཡིད་ལ་རེག དེ་བཞིན་སྒྲ་ཡི་སེམས་འཕང་མཐོ། །སྒྲ་མི་སྙན་པས་ཡིད་ལ་རེག །དེ་བཞིན་སྒྲ་ཡི་སེམས་བྱིང་དང་། །དྲི་ནི་ཞིམ་པས་ཡིད་ལ་རེག །དེ་བཞིན་དྲི་ཡི་སེམས་འཕང་མཐོ། དྲི་མི་ཞིམ་པ་ཡིད་ལ་རེག དེ་བཞིན་དྲི་ཡི་སེམས་བྱིང་པས། རོ་མཆོག་བདའ་བ་ཡིད་ལ་རེག དེ་བཞིན་རོ་ཡི་སེམས་འཕང་མཐོ། །རོ་མཆོག་མི་བདའ་ཡིད་ལ་རེག །དེ་བཞིན་རོ་ཡི་སེམས་བྱིང་དང་། །རེག་བྱ་འཇམ་པས་ཡིད་ལ་རེག །དེ་བཞིན་རེག་གི་སེམས་འཕང་མཐོ། །རེག་བྱ་རྩུབ་པས་ཡིད་ལ་རེག། །དེ་བཞིན་རེག་གི་སེམས་བྱིང་དང་། །བོན་ནི་བདེན་པས་ཡིད་ལ་རེག །དེ་བཞིན་བོན་ནི་སེམས་འཕང་མཐོ། །མི་བདེན་བོན་གྱི་ཡིད་ལ་རེག། །དེ་བཞིན་བོན་གྱི་སེམས་བྱིང་པའོ། །ཐ་ཛར་ད་ར་ཅུས་ནེས་སུམ། །ཚོར་བ་རྣམ་པ་བཅུ་གཉིས་སྟོན། །གཟུགས་ཀུན་དག་པ་ཡིད་ལ་རེག །གསུམ་འདུས་ཡོངས་སུ་གཅོད་ཚོར་བདེ། །གཟུགས་ཀུན་མ་དག་ཡིད་ལས་རེག །གསུམ་འདུས་ཡོངས་གཅོད་ཚོར་མི་བདེ། །སྒྲ་ཀུན་དག་པ་ཡིད་ལ་རེག །གསུམ་འདུས་གཅོད་པས་སྒྲ་ཚོར་བདེ། །སྒྲ་མི་སྙན་པ་ཡིད་ལ་རེག །གསུམ་འདུས་གཅོད་པས་ཚོར་མི་བདེ། །དྲི་ཀུན་དག་པ་ཡིད་ལ་རེག །གསུམ་འདུས་གཅོད་པས་དྲི་ཚོར་བདེ། །དྲི་མི་ཞིམ་པ་ཡིད་ལ་རེག །གསུམ་འདུས་གཅོད་པས་ཚོར་མི་བདེ། །རོ་ཀུན་དག་པ་ཡིད་ལ་རེག །གསུམ་འདུས་གཅོད་པས་རོ་མི་བདེ། །རོ་མི་ཞིམ་པ་ཡིད་ལ་རེག །གསུམ་འདུས་གཅོད་པས་ཚོར་མི་བདེ། །རེག་ཀུན་དག་པ་ཡིད་ལ་རེག །གསུམ་འདུས་གཅོད་པས་རེག་ཚོར་བདེ། །རེག་ཀུན་མ་དག་ཡིད་ལ་རེག །གསུམ་འདུས་གཅོད་པ་རེག་མི་བདེ། །བོན་ཀུན་དག་པ་ཡིད་ལ་རེག །གསུམ་འདུས་གཅོད་པས་རེག་ཚོར་བདེ། །བོན་མ་དག་པ་ཡིད་ལ་རེག །གསུམ་འདུས་གཅོད་པས་རེག་མི་བདེ། །ཙ་ཀ་༼གེ་༽ད་ར་ཅུ་ནེས་སུམ། །སྲེད་པ་རྣམ་པ་བཅུ་གཉིས་སྟོན། །སྐྱེ་བ་རྒྱུན་དུ་འཇུག་པའི་ལམ། །རིས་སུ་མི་མཐོང་སྲིད་པ་དང་། །གནས་པ་མ་ཡི་གཞལ་ཡས་ཁང་། །ཟིན་རིས་མ་མཐོང་སྲེད་པ་དང་། །ལེན་པ་ལུས་ཀྱི་རྒྱུན་ཆགས་ལ། །ཟིན་རིས་མ་མཐོང་༼མཐོང་བའི་༽སྲེད་པ་དང་། །མཁའ་དབྱིངས་སྤྲུལ་པའི་ཁྱད་པར་ལས། །ཟིན་རིས་མ་མཐོང་༼མཐོང་བའི་༽སྲེད་པ་དང་། །རྒྱུ་རྐྱེན་ཐབས་ཀྱི་འབྲེལ་པ་ལ། །ཅི་རིས་ལྟ་བའི་སྲེད་པ་དང་། །བྱ་བ་བྱེད་པའི་བདག་ཉིད་ཀྱིས། །ཀུན་ལ་འཛུག་པའི་སྲེད་པ་དང་། །ཡིད་དང་ཐབས་ཀྱི་རྫུ་འཕྲུལ་ལས། །དངོས་པོར་ཞེན་པའི་སྲེད་པ་དང་། །ཀུན་ནས་ཉོན་མོངས་གཞི་ཚོགས་ལ། །ཆགས་པར་འདོད་པའི་སྲེད་པ་དང་། །མ་ཡིན་རིས་མཐུན་བག་ཆགས་ལས། །ཞེན་པར་འདོད་པའི་སྲེད་པ་དང་། །མི་ཁོམས་འཁྲུལ་པའི་མཚན་མ་ལ། །འདོད་པ་སྐྱེ་བའི་སྲེད་པ་དང་། །རྗེས་སུ་རྒྱུ་བའི་བྱུང་ཚོར་ལས། །དགའ་བའི་སེམས་གདུང་སྲེད་པ་དང་། །དངོས་པོ་ཉིད་དུ་སྣང་བ་དང་། །ཐབས་ཀྱི་འཇུག་པའི་སྲེད་པའོ། །ཏ་ལི་ད་ར་ཅུ་ནེས་སུམ། །ལེན་པའི་རྣམ་པ་བཅུ་གཉིས་སྟོན། །རང་བཞིན་ཅིར་ཡང་འདོད་པ་ཡི། །ཡིད་ལ་ལེན་པར་བྱེད་པ་དང་། །དུས་ལ་རྒྱུ་རུ་འདོད་པ་ཡི། །ཡིད་ལ་ལེན་པར་བྱེད་པ་དང་། །བྱེད་པའི་རྒྱུ་རུ་འདོད་པ་ཡི། །ཡིད་ལ་ལེན་པར་བྱེད་པ་དང་། །ངོ་བོ་ཐམས་ཅད་རྒྱུར་འདོད་པས།།

(སྤྱིའི་གཟིགས་གྲངས། 802 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།