སྲིད་པའི་མཛོད་ཕུགས།
བླ་མེད་འབྲས་བུ་ཐོབ་པ་ནི། །ཅིར་ཡང་མི་དམིགས་མཚན་ཉིད་འཛིན། །ཆར་ཅི་དུ་ཡེ་༼ཚར་ཙིར་དུ་སེ་༽ང་དྲུག་ནི། །བརྩོན་འགྲུས་རྣམ་པ་དྲུག་བསྟན་པ། །བརྩོན་འགྲུས་དམ་པའི་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །བཏང་སྙོམས་མེད་པའི་མཚན་ཉིད་འཛིན། །བརྩོན་འགྲུས་ཆེ་རུ་རྩོམ་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཡོངས་སུ་གྲུབ་པའི་མཚན་ཉིད་འཛིན། །བརྩོན་འགྲུས་ཡོངས་སུ་རྩོམ་པ་ཡིས། བླ་མེད་འབྲས་བུ་ཐོབ་པ་ནི། །ལྷུན་གྱིས་གྲུབ་པའི་མཚན་ཉིད་འཛིན། །བརྩོན་འགྲུས་རབ་ཏུ་རྩོམ་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །མཐའ་རུ་ཕྱིན་པའི་མཚན་ཉིད་འཛིན། །བརྩོན་འགྲུས་རྩོམ་པ་ཆེན་པོ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཐོགས་མེད་ཀུན་རྟོགས་མཚན་ཉིད་འཛིན། །བརྩོན་འགྲུས་རྒྱ་ཆེན་རྩོམ་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །གྲུབ་པ་མི་དམིགས་མཚན་ཉིད་འཛིན། །ཉེ་ལོ་ད་ཞི་ང་དྲུག་ནི། །བསམ་གཏན་རྣམ་པ་དྲུག་བསྟན་པ་། །བསམ་གཏན་དམ་པའི་མཆོག་ལྡན་པ། །བླ་མེད་འབྲས་བུ་ཐོབ་པ་ནི། །གཡོ་རྩོལ་མེད་པའི་མཚན་ཉིད་འཛིན། །བསམ་གཏན་དག་ལ་གནས་པ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །རྣམ་པར་མི་འཁྲུག་མཚན་ཉིད་འཛིན། །བསམ་གཏན་ཡོངས་སུ་གནས་པ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། འགྱུར་ལྡོག་མེད་པའི་མཚན་ཉིད་འཛིན། །བསམ་གཏན་རབ་ཏུ་གནས་པ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །ཡེངས་པ་མེད་པའི་མཚན་ཉིད་འཛིན། །བསམ་གཏན་གནས་པ་ཆེན་པོ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །ཅིར་ཡང་མ་གྲུབ་མཚན་ཉིད་འཛིན། །བསམ་གཏན་དངོས་མེད་རྒྱ་ཆེ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཅིར་ཡང་མི་དམིགས་མཚན་ཉིད་འཛིན། །ཁོད་རྩལ་ཧྲ་ཅེ་༼དྷྲ་ཅི་༽ང་དྲུག་ནི། །སྟོབས་ཀྱི་རྣམ་པ་དྲུག་བསྟན་པ། །སྟོབས་ཆེན་དམ་པའི་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཐམས་ཅད་གྲུབ་པའི་མཚན་ཉིད་འཛིན། །དེ་བཞིན་སྟོབས་དང་ལྡན་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །རྩལ་༼བཙལ་༽དུ་མེད་པའི་མཚན་ཉིད་འཛིན། །སྟོབས་དང་ཡོངས་སུ་ལྡན་པ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །བྱ་བ་ཀུན་གྲུབ་མཚན་ཉིད་འཛིན། །སྟོབས་དང་རབ་ཏུ་ལྡན་པ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །ཡིད་བཞིན་སྤྲུལ་པའི་མཚན་ཉིད་འཛིན། །སྟོབས་དང་ལྡན་པ་ཆེན་པོ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ལྷུན་གྱིས་གྲུབ་པའི་མཚན་ཉིད་འཛིན། །སྟོབས་ནི་ཀུན་འགྲུབ་རྒྱ་ཆེ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །དོན་ལ་དམིགས་མེད་མཚན་ཉིད་འཛིན། །ཨི་སེང་སིང་ངེ་ང་དྲུག་ནི། །སྙིང་རྗ་ེརྣམ་པ་དྲུག་བསྟན་པ། །སྙིང་རྗེ་དམ་པའི་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཉོན་མོངས་མེད་པའི་མཚན་ཉིད་འཛིན། །དེ་བཞིན་སྙིང་རྗེ་བསྐྱེད་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །བདག་ཕྱོགས་མེད་པའི་མཚན་ཉིད་འཛིན། །སྙིང་རྗེ་ཡོངས་སུ་བསྐྱེད་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཀུན་ལ་སྙོམས་པའི་མཚན་ཉིད་འཛིན། །སྙིང་རྗེ་རབ་ཏུ་བསྐྱེད་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །དཔག་ཏུ་མེད་པའི་མཚན་ཉིད་འཛིན། །སྙིང་རྗེ་ཆེན་པོ་བསྐྱེད་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །བྱམས་སྙོམས་ལྡན་པའི་མཚན་ཉིད་འཛིན། །སྙིང་རྗེ་རྒྱ་ཆེན་བསྐྱེད་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །མི་དམིགས་མཉམ་པའི་མཚན་ཉིད་འཛིན། །གྱེར་མུ་ཞི་ལ་ང་དྲུག་ནི། །སྨོན་ལམ་རྣམ་པ་དྲུག་བསྟན་པ། །སྨོན་ལམ་དམ་པའི་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །རེ་དོགས་མེད་པའི་མཚན་ཉིད་འཛིན། །དེ་བཞིན་སྨོན་ལམ་དག་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །གྲུབ་ཅིང་བརྩོན་པའི་མཚན་ཉིད་འཛིན། །སྨོན་ལམ་ཡོངས་སུ་དག་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཕུན་སུམ་ཚོགས་པའི་མཚན་ཉིད་འཛིན། །སྨོན་ལམ་རབ་ཏུ་དག་པ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །བདེ་ལྡན་གྲུབ་པའི་མཚན་ཉིད་འཛིན། །སྨོན་ལམ་དག་པ་ཆེན་པོ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །དོན་ལ་རྫོགས་པའི་མཚན་ཉིད་འཛིན། །སྨོན་ལམ་རྒྱ་ཆེར་དག་པ་ཡིས། །བླ་མེད་འབྲས་བུ་ཐོབ་